- 2021-06-07 发布 |
- 37.5 KB |
- 10页
申明敬告: 本站不保证该用户上传的文档完整性,不预览、不比对内容而直接下载产生的反悔问题本站不予受理。
文档介绍
西藏自治区林芝市第二高级中学2019-2020学年高一下学期第一学段考试藏文试题 Word版含答案
ཉིང་ཁྲི་མཐོ་འབྲིང་གཉིས་པའི་༢༠༡༩-༢༠༢༠ལོའི་ལོ་རིམ་དང་པོའི་སློབ་དཀྱིལ་རྒྱུགས་གཞི། བོད་སྐད་ཡིག 【དོ་སྣང་བྱ་རྒྱུ།】 1.རྒྱུགས་ཤོག་འདིར་ཁྱོན་ཤོག་ལྷེ་༤དང་། ཆ་ཤས་དྲུག་ལས་གྲུབ་ཡོད། ཡིག་ཚད་གཏོང་ཡུན་དུས་ཚོད་སྐར་མ་༡༢༠དང་། རྒྱུགས་ཤོག་ཧྲིལ་པོར་སྐར་གྲངས་༡༠༠ཡིན། 2.རྒྱུགས་སྤྲོད་སློབ་མས་རྒྱུགས་ཤོག་དང་ལན་འདེབས་ཤོག་བྱང་བླངས་རྗེས་སྔོན་ལ་རང་མིང་དང་། རྒྱུགས་སྤྲོད་ལག་ཁྱེར་ཨང་གྲངས་དག་ལན་འདེབས་ཤོག་བྱང་ཐོག་གི་གཏན་འཁེལ་བྱས་པའི་གནས་སུ་བྲིས་རྗེས་ཐིག་རིས་གསང་རྟགས་(条形码)ཀྱང་སྦྱར་དགོས། 3.འདེམ་འཇུག་དྲི་་གཞིར་ལན་རྒྱག་སྐབས་ངེས་པར་དུ་ཞ་སྨྱུག་(2B) གིས་ནག་པོ་བཟོ་དགོས་པ་དང་། དྲི་གཞི་གཞན་ལ་ལན་རྒྱག་སྐབས་ངེས་པར་དུ་སྣག་ཚ་ནག་པོའི་ལྕགས་སྨྱུག་གམ་མཆན་འགོད་སྨྱུ་གུས་གཏན་འཁེལ་བྱས་པའི་ལན་འདེབས་ཤོག་བྱང་ཐོག་དྲི་གཞིའི་གོ་རིམ་མ་འཁྲུག་པར་ངོས་གཙང་མར་འབྲི་དགོས། 4.རྒྱུགས་ཤོག་གི་ལན་ངེས་པར་དུ་ལན་འདེབས་ཤོག་བྱང་ཐོག་བྲིས་ནས་ཡར་འབུལ་དགོས། གལ་ཏེ་ལན་རྣམས་རྒྱུགས་ཤོག་ཐོག་བཏབ་ཚེ་རྩིས་མེད་ཡིན། དང་པོ། འདེམ་འཇུག་དྲི་གཞི། (རེར་སྐར། 1བསྡོམས་སྐར། 20) (གཤམ་གྱི་དྲི་བའི་རེ་བ་དང་མཐུན་པའི་ལན་གཅིག་རང་ཡོད་པའི་མཚོན་རྟགས་གུག་རྟགས་ནང་འབྲི་དགོས།) 1. གཤམ་གསལ་ལས་མིང་འགྲེལ་བྱེད་སྟངས་ཡང་དག་པ་ནི( ) A. ཀླན་ཀ--རྩོད་གཞི། གཅམ་གསག--གཅམ་བུའམ་ཁ་གསག་སྟེ་ཁ་ཡག་ངོ་དགའ། B. མནོག་ཆུང་།--ཁེ་ཕན་ཆུང་བ། བྱ་ལམ།--བྱ་མང་པོ་ཚོགས་པ། C. སོ་མང་།--གཡོ་སྒྱུའི་ངང་ཚུལ་ཅན། དྲེད་པོ།--བློ་གྱོང་བའི་དོན། D. ཀླན་ཀའི་ཚིག--ཚིག་འཇམ། དབུགས་དབྱུང་བ།-- དབུགས་བཏང་བའམ་སྡུག་བསྔལ་ལས་གྲོལ་བའི་དོན། 2. 《དགུ་ཆུའི་གླུ་དབྱངས།》 ཞེས་པའི་སློབ་ཚན་དེའི་རྩོམ་སྟངས་ནི་ ( ) A. ཚིག་ལྷུག་སྙན་ངག B. བསྡུས་བརྗོད་སྙན་ངག C. སྲོལ་རྒྱུན་སྙན་ངག D. རང་མོས་སྙན་ངག 3. མཚོན་བྱེད་ཀྱི་འབྲི་ཐབས་ཞེས་པ་དེ་སྙན་ངག་མེ་ལོང་ལྟར་ན་ ( ) A. ཟླ་བོ་དངོས་པའི་དཔེའི་འབྲི་ཐབས། B. ཉམས་ལྡན་རྒྱན་གྱི་འབྲི་ཐབས། C. སྒྲ་རྒྱན་གྱི་འབྲི་ཐབས། D. བསྡུས་བརྗོད་ཀྱི་འབྲི་ཐབས། 4. 《 ལམ་གྱི་ལེའུ 》ཞེས་པའི་སློབ་ཚན་དུ་ལམ་ནི་མཚོན་བྱེད་ཀྱི་དཔེ་ཡིན་པས། དེའི་མཚོན་བྱའི་དོན་གང་ཡིན་ནམ། ( ) A. ཕུགས་བསམ། B. མ་འོངས། C. འདས་དོན། D. མི་ཚེ། 5. “ལམ་ལ་དཀྱོག་མཚམས་མང་བ་ནི་ལམ་གྱི་ཁྱད་ཆོས་ཡིན”ཞེས་པའི་དོན་གང་ཡིན་ནམ། ་( ) A. དཀའ་ངལ་དང་ཕམ་ཁ། བར་ཆད། ཆག་སྒོ B. རེ་བ་དང་། ཡིད་ཆེས། ཕུགས་འདུན། C.རྒྱུ་དངུལ་དང་། ཁ་རྗེ་དབང་ཐང་། D. རྨོངས་པ་དང་མ་རིག་པའི་མུན་པ། 6. 《 དཔྱིད་ཀྱི་བདག་མོ་ལྷ་ལས་བབས་པ་》ཞེས་པའི་ནང་གི་ལས་སྒྲ་དེའི་འཇུག་ཚུལ་ཡང་དག་པ་ནི ( ) A. རིགས་མཐུན་དགར་བ། B. འབྱུང་ཁུངས་ཆ་འདྲ་བ། C. རིགས་མི་མཐུན་དགར་བ། D. འབྱུང་ཁུངས་དངོས། 7. 《 བྱ་སྤྲེལ་གཏམ་རྒྱུད་། 》 གྱི་མི་སྣ་གཙོ་བོ་བྱ་དང་སྤྲེལ་གཉིས་ཀྱི་མཚོན་དོན་ ( ) ཡིན། ཡོན་ཏན་བརྗོད་ཡོད། A. བོད་དང་། གོར་ཥ B. རྒྱ་གར་དང་། རྒྱ་ནག C. བོད་དང་སོག D. དབུས་དང་གཙང་ 8. བྱ་སྤྲེལ་གཉིས་དབར་གྱི་རྩོད་པ་འདུམ་སྒྲིག་བྱེད་མཁན་ནི ( ) ཡིན། A.སྐྱ་ཀ་དང་། པུ་ཤུད། སྐྱུང་ཀ། B. ལྷ་བྱ་གོང་མོ་དང་སྤྲེལ་རྒན་བློ་བཟང་ C. སྤྲེའུ་ཨ་ལི་མ་དང་སྤྲེལ་རྒན་བློ་བཟང་ D. རི་བོང་བློ་ལྡན་དང་ཁྱིམ་བྱ་དེ་ཕོ་ 9. ཧ་ལོའི་ཀླན་ཀའི་ཚིག་རྣམས་གོ་རྗེས། ཨ་མ་གཡུ་སྒྲོན་གྱིས་འདི་སྙམ་དུ་བསམས་སོ། ལྷད་མེད་དུང་ལས་གྲུབ་པའི་དཀར་གསལ་རྒྱ་མཚོའི་མར་གསར་ལའང་མི་སྡུག་རྣ་བ་རིང་བ་རི་བོང་གི་གྲིབ་མ་འཁོད་པ་ལ་བསམས་ཚེ་མེ་ཏོག་ཧ་ལོ་ཞིག་ལ་ཉེས་སྐྱོན་དེ་ཙམ་ཡོད་པ་ལ་ཡ་མཚན་བྱེད་དགོས་དོན་མི་འདུག་སྙམ། ཞེས་པའི་ཚིག་དུམ་ནང་ཨ་མ་གཡུ་སྒྲོན་གྱི( )རང་གཤིས་མཚོན་ཡོད། A. ང་རྒྱལ་ཁེངས་དྲེགས་ཀྱི། B. ཁོང་ཡངས་དཀྱེལ་ཆེའི། C. རང་གི་ཁེ་ཕན་དམིགས་སུ་འཛིན་པའི། D. ང་མཐོ་ང་ཆེའི། 10. སྟོན་དགུན་དཔྱིད་གསུམ་གྱི་འགྱུར་བ་བྲིས་པ་དང་ཤུགས་སུ་དུས་སྐབས་གསར་པ་ལ་བསྔགས་བརྗོད་བྱས་པའི་སློབ་ཚན་ནི( ) A.《ནེ་ལེར་བགྲོ་བའི་གཏམ》 B.《བོད་ཀྱི་ཡི་གེ་ལ་བསྔགས་པ་ལྷག་བསམ་སྤྲིན་གྱི་སྒྲ་དབྱངས》 C.《དཔྱིད་ཀྱི་བདག་མོ་ལྷ་ལས་བབས་པ》 D.《 དགུ་ཆུའི་གླུ་དབྱངས 》 11.རང་ཉིད་ཀྱི་ཁེ་ཕན་ཁོ་ན་དམིགས་ནས་ངོ་དགའ་སྤྲེལ་ལད་ཀྱིས་བྱ་བར་འཇུག་ལྡོག་བྱེད་མཁན་གྱི་ནི་ ( ) ཡིན། A. ཧ་ལོ B. ཐག་འཁྱུད C. མེ་ཏོག་སེ་བ D. ཁྲ་ཐིག 12.སྒྲུང་གཏམ་གྱི་གྲུབ་ཆ་ནི་ ( ) A. མི་སྣ། བྱུང་རིམ། ཁོར་ཡུག B. འགོ་འཛུགས། འཕེལ་རིམ། མཐོ་རླབས། མཇུག་འབྲས། C. བསྒྲུབ་བྱ། སྒྲུབ་བྱེད། སྒྲུབ་རིམ། D. གནད་དོན་འདོན་པ། གནད་དོན་དབྱེ་ཞིབ། གནད་དོན་ཐག་གཅོད། 13 . “རླུང་སྤྲིན་ངེས་མེད་འཐབ་པའི་བགྲོད་རིམ་”ཞེས་པར་གོ་བ་ཇི་ལྟར་ལེན་དགོས། ( ) A.དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་མགྱོགས་པར་གོ་དགོས། B. རླུང་དང་སྤྲིན་ནག་འཁྲིག་པའི་རང་བྱུང་ཁོར་ཡུག་གི་རྣམ་པ་བཀོད། C. བོད་པ་རྣམས་ཀྱི་ཆེས་སྔོན་ཐོན་གྱི་བསམ་པར་གོ་དགོས། D. རང་ཡུལ་བོད་ལ་བཅངས་པའི་བླ་མེད་བརྩེ་དུང་ཞིག་ལ་གོ་དགོས། 14. 《སྙན་ངག་མེ་ལོང》གི་བརྗོད་བྱ་གཙོ་བོ་གང་ཡིན ( ) A. ལུས། རྒྱན། སྐྱོན་སེལ། B. ཚིགས་བཅད། ཚིག་ལྷུག བཅད་ལྷུག་སྤེལ་མ། C. དོན་རྒྱན། སྒྲ་རྒྱན། གབ་ཚིག་གི་རྒྱན། D. ཐུན་མོང་གི་རྒྱན། ཐུན་མོང་མ་ཡིན་པའི་རྒྱན། 15. 《ནེ་ལེར་བགྲོ་བའི་གཏམ།》ཞེས་པའི་ནེ་ལེ་མཚོན་དོན་གང་ཞིག་ཡིན།( ) A. སྔོན་ཐོན་གྱི་མི་རིགས། B. རྒྱ་མི་རིགས་མཚོན། C. དབུས་པ་མཚོན། D. བོད་མི་རིགས་མཚོན། 16. “ར་སྤུའི་འུར་རྡོ་རི་ཡི་མཇིང་པར་འཁོར།།” ཞེས་པའི་གཏམ་དཔེ་བསྟན་དོན་ནི། ( ) ཡིན། A. ཕྱོགས་གཅིག་ལས་གཉིས་མ་མཐོང་བ་བསྟན། B. ལས་ངན་བྱེད་པའི་འབྲས་བུ་རང་ཐོག་ཏུ་སྨིན་པའི་དོན་བསྟན། C. ལས་དོན་གང་སྒྲུབ་ཀྱང་བསམ་བློ་སྔོན་ལ་བཏང་ན་མཁས་པ་ཡིན་པ་བསྟན། D. ཡུལ་དུས་དང་བསྟུན་ནས་བྱ་བར་འཇུག་དགོས་པ་བསྟན། 17. གོར་བོད་དམག་འཁྲུག་གི་དུས་ཚོད་ནི་( )ལོར་ཡིན། A. ༡༧༧༧ B.༡༨༨༨ C.༡༥༨༨ D. ༡༧༨༨ 18. 《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》ཞེས་པའི་སློབ་ཚན་སྐོར་ལ་བརྗོད་ཚུལ་ཡང་དག་པ་ནི( ) A. སློབ་ཚན་འདིར་མེ་ཏོག་ཕན་ཚུན་རྩོད་པའི་རྣམ་པ་བྲིས་ནས་ཕྱིས་སུ་མེ་ཏོག་ལྡུམ་རར་འགྲོ་མི་རུང་བའི་དོན་བསྟན་ཡོད། B. སློབ་ཚན་འདིའི་ནང་རབ་རྟོག་སྒྲུང་གཏམ་གྱི་འབྲི་ཐབས་སྤྱད་ནས་ང་ཚོར་མེ་ཏོག་ཧ་ལོ་དང་ཐག་འཁྱུད་ལྟར་གྱི་རང་གཤིས་སྤོང་དགོས་པའི་གནས་ལུགས་བསྟན་ཡོད། C. སློབ་ཚན་འདི་ནི་རྩོམ་པ་པོ་གླང་མདུན་དཔལ་འབྱོར་ལགས་ཀྱིས་བརྩམས་པའི་ལྷུག་རྩོམ་ཞིག་ཡིན། D.སློབ་ཚན་འདིའི་ནང་སྤྱི་སྙོམས་དྲང་གཞག་དང་རང་གི་ཁེ་ཕན་ལ་དམིགས་ནས་བྱ་བ་བྱེད་མཁན་གྱི་སྐྱེ་བོ་ལ་བསྔགས་བརྗོད་བྱས་ཡོད། 19. “ལེགས་པ་སེམས་ལ་འཆར་ལ་སེམས་པ་ལེགས།”ཞེས་པའི་ཚིགས་བཅད་འདིར་སྙན་ངག་གི་རྒྱན་ཞིག་སྤྱད་འདུག ( ) A. གབ་ཚིག་གི་རྒྱན། B. མཐའ་ཐོག་སྦྱར་བའི་ཟུང་ལྡན། C. བཟློག་པའི་ཟུང་ལྡན་གྱི་རྒྱན། D. བར་ཆད་པའི་ཟུང་ལྡན། 20. “ཙ་རིའི་སྨྱུག་མར་ཅོ་འདྲི་ཧ་ལོ་ཁྱེད། །ཚ་ཚ་མེ་ལྟར་འབར་བའི་ཕྲག་དོག་གིས། །ཛ་ལང་སྤྱོད་པས་གྲོགས་ལ་བསྟུན་འགྱུར་ན། ། ཝ་ལེར་འཆར་བའི་ཁྱེད་ཀྱི་མཛེས་སྡུག་ཉམས། །ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་འདིར་རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་( )རྩོམ་སྟངས་སྤྱད་འདུག A.ཚིག་ལྷུག་སྙན་ངག་གི་ B. ཀ་རྩོམ་གྱི་ C. སྒྲུང་གཏམ་གྱི་ D. རང་མོས་སྙན་རྩོམ་གྱི་ གཉིས་པ། སྟོང་ཆ་ཁ་སྐོང་། (རེར་སྐར། 2བསྡོམས་སྐར། 20) 21. སྙན་རྩོམ་གྱི་ཁྱད་ཆོས་ནི་① སྒྲ་གདངས་ཀྱི་ཉམས་འགྱུར་མངོན་པར་གསལ་བ། ② ③ ④ བཅས་སོ། 22. ཚིག་ལྷུག་སྙན་ངག་ནི་ གྱི་རྩོམ་སྟངས་སྤྱད་ནས་བྲིས་པའི་ རིགས་ཤིག་ཡིན། 23. སྙན་རྩོམ་ལ་རྣམ་པའི་སྟེང་ནས་དབྱེ་ན། དང་ ཁག་གཉིས་སུ་དབྱེ་ཆོག་ལ་ཡང་ངོ་བོའི་སྟེང་ནས་དབྱེ་ན། དང་ བཅས་སོ། 24. 《དགུ་ཆུའི་གླུ་དབྱངས།》ཞེས་པའི་སློབ་ཚན་དེའི་མཚོན་བྱེད་ནི་དགུ་ཆུ་དང་མཚོན་བྱ་ནི་ ཡིན། གསུམ་པ། དྲི་བར་ལན་འདེབས་དགོས། (རེར་སྐར། 4 བསྡོམས་སྐར། 20) 25. 《ལམ་གྱི་ལེའུ》ཞེས་པའི་སློབ་ཚན་དེར་འབྲི་ཐབས་གང་སྤྱད་ཡོད། ལན། 26. སྒྲུང་གཏམ་གྱི་གོ་དོན། ལན། 27. དར་དཀར་ཡོལ་བ་ཕྱིང་པའི་གོས་སྟན་དེ་ལ་དབུགས་དབྱུང་སླད་དུ་བྱིན། དར་དཀར་ཡོལ་བ་དང་དེ་ལ་ཞེས་པ་གང་ལ་གོ་དགོས། ལན། 28 . སྒྲུང་གཏམ་གྱི་བྱུང་རིམ་ནི་གང་ལ་བསྟུན་ནས་སྒྲིག་པ་ཡིན། ལན། 29. སྙན་ངག་མེ་ལོང་གི་རྩོམ་པ་པོ་སུ་ཡིན་པ་དང་དེ་ཆ་ཚང་བོད་སྐད་དུ་སུས་ས་ཆ་གང་དུ་དུས་ནམ་ཞིག་ལ་བསྒྱུར་བ་རེད། ལན། བཞི་པ། ལྟ་ཀློག་དབྱེ་ཞིབ། 【དཔྱད་གཞི】དང་པོ། (རེར་སྐར། 1བསྡོམས་སྐར། 4)གཤམ་གྱི་སྙན་ངག་དུམ་བུ་བཀླགས་ནས་དྲི་བ 30 ནས 33 ལ་ལན་འདེབས་དགོས། མ་དག་རིང་ནས་གོམས་པའི་ལྟ་བ་ཡི་བུ་ཆུང་། །ཨ་འཐས་དྲན་པ་གྱོང་པོས་རྩེ་གཅིག་ཏུ་བསྐྱངས་པས། ། ཁ་སྤུ་ཟིང་ཟིང་གཡོ་བའི་དྲེད་པོ་ཁོ་མ་ཏོག ། སྣང་སྲིད་ཞན་ལ་རྒྱུ་བའི་ཤེས་པ་དེ་འགགས་སམ། ། ཕལ་པའི་རྣམ་རྟོག་འགགས་པས་བྱ་གྲལ་ནས་ཐལ་ཞིང་། །ལྷག་པའི་རྟོག་པ་མ་སྐྱེས་ལྷ་གྲལ་ཡང་མ་ཟིན། ། ལྷ་མིན་འདྲེ་མིན་ཕུང་པོ་གསུམ་པ་ཡི་གཟུགས་ཀྱིས། །དུས་དྲུག་འཁོར་མོར་འདའ་བའི་ཁོམ་ལོང་དེ་སུས་བྱིན། ། 《ནེ་ལེར་བགྲོ་བའི་གཏམ་》ལས་བཤུས། 30. གོང་གི་དུམ་བུའི་ནང་གི་རྟགས་འཁོད་པའི་དག་ནོར་བཅོས་པ་ཡང་དག་པའི་སྡེ་ནི( ) A. ཏོགས། གཞན། ཁོར། B. གཏོགས། གཞན། ཁོར། C. གཏོགས བཞན། ཀོར། D. ཐོགས། བཞན། ཁོར། 31. གཤམ་གྱི་མིང་ལ་འགྲེལ་བཤད་བྱས་པ་ཡང་མི་དག་པ་ནི( ) A. སྣང་སྲིད། --སྣང་བ་སྲིད་པའི་ཆོས་མཐའ་དག B. དྲེད་པོ།--འཛེམ་དོགས་བྱེད་པའམ་འཇིགས་སྐྲག་ཆེ་བའི་མིའི་མིང་། C. ཨ་འཐས།--ཨུ་ཚུགས་ཏེ། རང་གིས་བདེན་པར་འདོད་པའི་དོན་དེ་མཁྲེགས་འཛིན་བྱེད་པའི་དོན། D. དུས་དྲུག--ཉིན་མཚན་དུས་དྲུག་སྟེ། སྔ་དྲོ། ཉིན་གུང་། ཕྱི་དྲོ། སྲོད། ནམ་གུང་། ཐོ་རེངས། 32. གོང་གི་ཤོ་ལོ་ཀ་དེའི་ནང་གི་ “མ་དག་རིང་ནས་གོམ་པའི་ལྟ་བ”ཞེས་པའི་དོན་ནི( ) A. ལས་རྒྱུ་འབྲས་ལ་ཡིད་ཆེས་དང་སྡིག་སྤངས་དགེ་སྒྲུབ་ཀྱི་བསམ་བློ། B. མ་འོངས་པའི་བདེ་སྐྱིད་ལ་བརྩོན་པའི་བསམ་བློ་འདུ་ཤེས། C. མ་ཁེ་སི་ལི་ཉིན་རིང་ལུགས་ཀྱི་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་ཡང་དག D. རྙིང་ཞེན་བག་འཁུམ་དང་། རྨོངས་འཐོམས་སྒྱིད་ལུག་གི་འདུ་ཤེས། 33. གོང་གི་ཚིགས་བཅད་ཀྱི་བརྗོད་བྱའི་བསྟན་དོན་བྲིས་པ་ནོར་བ་ནི( ) A. རང་ལྟ་མཆོག་འཛིན་གྱི་ལྟ་བ་དོར་ནས་དུས་རབས་འཕེལ་ཕྱོགས་དང་བསྟུན་དགོས་པར་སྐུལ་བ། B. རྙིང་ཞེན་དང་བག་འཁུམ། ལེ་ལོའི་སྤྱོད་ངན་དོར་ནས་ལས་ལ་བརྩོན་པ་བསྐྱེད་དགོས་པར་སྐུལ་བ། C. གནས་སྐབས་ཀྱི་བདེ་སྐྱིད་ཙམ་ལ་མ་ཆགས་པར་བདེ་བ་ཆེན་པོ་འཐོབ་པའི་བློ་དགོས་པར་སྐུལ་བ། D. མིག་མདུན་གྱི་བྱ་བས་ཡིད་ཚིམ་པར་བྱས་ཏེ་འདོད་ཆུང་ཆོག་ཤེས་བསྟེན་དགོས་པར་སྐུལ་བ། 【དཔྱད་གཞི】གཉིས་པ། (རེར་སྐར། 1བསྡོམས་སྐར། 3)གཤམ་གྱི་སྙན་ངག་དུམ་བུ་བཀླགས་ནས་དྲི་བ 34 ནས 36 ལ་ལན་འདེབས་དགོས། དྲི་བཞོན་གྲོགས་སུ་རྩེན་པ་ཐང་དཀར་གྱི་རྒོད་པོ། ། གཤོག་འགྱུར་ཡངས་པའི་རླབས་ཀྱིས་ནམ་མཁའ་རུ་ལྡིང་སྟེ། ། བརྙས་བཞག་རྟུག་པའི་ཕུང་པོ་མགོ་བོ་རུ་གཏོར་ཚེ། ། ང་ཡང་འདབ་ཆགས་སྙམ་པའི་འདུ་ཤེས་ཤིག་མེད་དམ། ། 34. ནམ་མཁའ་རུ་ལྡིང་ཞེས་པ་དང་། མགོ་བོ་རུ་གཏོར་ཞེས་པའི་ཕྲད་རུ་ཡི་འཇུག་ཚུལ་ཡང་དག་པ་ནི( ) A. རྣམ་དབྱེ་བཞི་པ་དགོས་ཆེད། B. རྣམ་དབྱེ་གཉིས་པ་ལས་སུ་བྱ་བ། C. རྣམ་དབྱེ་བདུན་པ་གནས་གཞི། D. དེ་ཉིད། 35. གོང་གི་ཚིག་རྐང་དང་པོའི་བརྗོད་དོན་མ་འགྱུར་བར་གཞན་ཞིག་ཏུ་བཅོས་པ་ཡང་དག་པ་ནི( ) A. མཛེས་སྡུག་རྨ་བྱར་འགྲན་པའི་བྱ་རྒྱལ་གྱི་རྒོད་པོ། B. ཀ་ལ་པིང་ཀར་འགྲན་པའི་བྱ་རྒྱལ་གྱི་རྒོད་པོ། C. གཤོག་རྩལ་ཡོངས་སུ་རྫོགས་པའི་བྱ་རྒྱལ་གྱི་རྒོད་པོ། D. སྒྲོ་ཐུལ་ཡོངས་སུ་ཟད་པའི་བྱ་རྒྱལ་གྱི་རྒོད་པོ། 36. གཤམ་གསལ་ལས་གོང་གི་ཚིགས་བཅད་ནང་དུ་ཐོན་པའི་བྱ་ཚིག་ཡིན་པ་ནི( ) A. ལྡིང་དང་གཏོར། B. གཏུབས་དང་བཅད། C. སྲུངས་དང་སྦྱིན། D. བསྒྲུབ་དང་ཉན། ལྔ་པ། འཚོལ་དཔྱད་རང་བཞིན་གྱི་འདྲི་གཞི། ( བསྡོམས་སྐར། 8) 37. ཁྱིམ་ཚང་དང་། རྒྱལ་ཁབ། འཛམ་གླིང་བཅས་ལ་མཚོན་ན། ཁོར་ཡུག་ནི་ང་ཚོའི་རྟག་བརྟན་གྱི་གྲོགས་པོ་ཡིན་ཞིང་། དེར་བརྟེན་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་འཛམ་གླིང་སྤྱི་ལ་འཕྲད་པའི་གནད་དོན་ཆེན་པོ་ཞིག་ཡིན་པ་མ་ཟད།མིའི་རིགས་ཀྱི་མ་འོངས་པའི་འཚོ་བའི་འགན་ལེན་ཡང་ཡིན། དེས་ན་ཁྱེད་ཀྱིས་སླད་ཁོར་ཡུག་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས་པའི་ཐད་བསམ་འཆར་མདོར་བསྡུས་འབྲི་དགོས། ལན། དྲུག་པ། རྩོམ་ཡིག ( བསྡོམས་སྐར། 25) མི་ཚེ་ནི་རིང་དུ་བསྲིངས་པའི་ལམ་ཞིག་དང་མཚུངས་ཤིང་། མི་རེ་རེའི་མདུན་དུ་རྒྱང་རིང་དུ་འཐེན་པའི་ལམ་བུ་རེ་ཡོད། ལམ་དེར་བགྲོད་དུས། གཟར་བའི་ལ་དང་དོག་པའི་འཕྲང་ལ་འཕྲད་སྲིད་ཅིང་། ཡི་མུག་ཅིང་བློ་ཡང་ཕམ་སྲིད། ཡིན་ཡང་མི་ཚེའི་ལམ་དུ་རང་ལ་ཡིད་ཆེས་དང་སྤོབས་པ་ལྡན་དགོས། ཞེས་མིའི་མི་ཚེ་ནི་དཀའ་སྤྱད་ཀྱི་ལམ་བུ་རིང་པོ་ཞིག་ཡིན་རུང་། རང་ཉིད་ཀྱིས་དཀའ་སྤྱད་དེ་དག་ལ་གདོང་ལེན་བྱེད་ཕོད་པ་དང་བྱེད་ཐུབ་ཚེ་རང་ཉིད་ཀྱི་མི་ཚེའི་དེ་ཡང་དེ་དང་བསྟུན་ནས་རིན་ཐང་ལྡན་པ་ཞིག་ཡོང་ངེས་རེད། གོང་གི་བརྗོད་དོན་དང་འབྲེལ་ནས་བརྗོད་བྱ་བཙལ་ཏེ་རྩོམ་ཡིག་ཞིག་འབྲི་དང་། རྩོམ་ཡིག་གི་རེ་བ། (༡) ཁ་བྱང་སོ་སོས་གཏན་འཁེལ་བྱ་རྒྱུ། (༢) གོང་གི་དཔྱད་གཞིའི་ནང་དོན་ལས་བརྒལ་མི་ཆོག (༣) བརྗོད་བྱ་གསལ་ལ་རྗོད་བྱེད་དག་ཅིང་ཁམས་གཙང་ཞིག་དགོས། (༤) རྩོམ་ལུས་ལ་ཚད་བཀག་མེད་པར་འབྲི་ཆོག (༥) རྩོམ་ཡིག་ནང་མིའི་མིང་དང་། ས་ཆའི་མིང་། སློབ་གྲྭའི་མིང་སོགས་ཐོན་ཚེ་རྟགས×××འདིས་མཚོན་དགོས། (༦) ཚིག་ཁྱིམ༥༠༠ཡན་ལོན་པ་དགོས། དང་པོ། འདེམ་འཇུག་དྲི་གཞི། 第一大题。选择题 (27X1=27) 1. A 2. A 3. D 4. D 5. A 6.B 7.A 8.D 9.B 10.C 11.B 12.A 13.A 14.A 15.D 16.B 17.D 18.A 19.C 20.B 30.B 31.B 32.D 33.D 34.B 35.C 36.A 第二大题。填空题 (10X2=20) 21 འཆར་སྒོ་ཡངས་པ། བརྗོད་དོན་ཆེས་གཅིག་སྡུད་ཀྱི་རང་བཞིན། བརྩེ་དུང་གི་ཕྱུག་པ། 22 ལྷུག་རྩོམ། སྙན་ངག 23 སྲོལ་རྒྱུན་སྙན་རྩོམ།རང་མོས་སྙན་རྩོམ། དོན་བརྗོད་སྙན་རྩོམ།དུང་སེམས་མཚོན་པའི་སྙན་རྩོམ། 24 བོད་མི་རིགས། 第三大题。问答题 (5X4=20) 25 ལན། མཚོན་བྱེད་ཀྱི་འབྲི་ཐབས་སམ་བསྡུས་བརྗོད་ཀྱི་འབྲི་ཐབས་སྤྱོད་ཡོད། 26 ལན། མི་སྣའི་གཟུགས་བརྙན་གསར་བཞེངས་བྱ་རྒྱུ་ལྟེ་བར་བཟུང་ནས་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པར་བྱེད་པའི་རྩོམ་ལུས་ཤིག 27 ལན། དར་དཀར་ཡོལ་བ་ནི་ཁ་བ་ལ་གོ་དགོས་པ་དང་། དེ་ལ་ཞེས་པ་ནི་ས་གཞིར་ངོས་འཛིན་དགོས། 28 ལན། མི་སྣ་ལ་བསྟུན་ནས་སྒྲིག་པ་ཡིན། 29 ལན། རིགས་འགྲེའི་སྒྲུབ་ཐབས། དབྱུག་པ་ཅན་ཡིན་པ་དང་། དུས་རབས་བཅུ་པའི་ནང་དཔལ་ས་སྐྱའི་གཙུག་ལག་ཁངདུ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིསབསྒྱུར། 查看更多